ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བཀྲ་ཤིས་དབང་ཕྱུག་འཛིན་བཟུང་གི་དུས་དྲན།


བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་རྒྱ་ནག་གིས་འཛིན་བཟུང་བྱས་ནས་ལོ་གསུམ་འཁོར་བའི་ཉིན་མོར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁོ་པ་གློད་གྲོལ་འཐོབ་ཐབས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་ཅིང་། རེས་གཟའ་ཉི་མའི་ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་བྲིས་གཟུགས་ཀྱི་གཏམ་བརྗོད་ལམ་ནས་བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དོན་དུ་ལས་འགུལ་སྤེལ་བའི་ཉེར་ལན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ལོ་རྒྱུས་ངོ་སྤྲོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG