ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་ཉ་སེང་སྒྲ་གློད་གྲོལ་དགོས་པའི་འབོད་སྐུལ།


༄༅།། ཟླ་བ་ལྔ་ཙམ་གྱི་གོང་དུ་རྒྱ་ནག་གཞུང་གིས་བོད་པ་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལ་སྤྱི་ཚོགས་ཀྱི་ནང་དུ་དཀྲུག་ཤིང་བསླངས་པའི་ནག་ཉེས་བཙུགས་ནས་ཟི་ལིང་ཉེ་འཁོར་གྱི་གྲོ་ཚང་གི་ལྟ་སྲུང་ཁང་ཞིག་ཏུ་བཅུག་ནས་བཀག་ཉར་བྱེད་ཡོད་ཅིང་། ཉེ་ཆར་མགོ་ལོག་རྐྱང་ཆད་ཡུལ་ཚོའི་མང་ཚོགས་ཀྱིས་ས་གནས་དེའི་རྒྱ་ནག་གཞུང་ལ་ཨ་ཉ་སེང་སྒྲར་ནག་ཉེས་གང་ཡང་མེད། ཁོ་པ་འཕྲད་དུ་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་གྱི་ཞུ་ཡིག་ཞིག་ཕུལ་ཡོད་པའི་སྐོར། བོད་ཀྱི་དུས་བབ་ཚགས་པར་ལ་ཐོན་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG