ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༡༥

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལྷན་ཚོགས།


༄༅།། དེ་རིང་ཕྱི་ཟླ་༡་པོའི་ཚེས་༢༢་ཉིན་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་གཞིས་ཚུགས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་སྒྲིག་འཛུགས་དེའི་དབུས་དང་ས་གནས་ཀྱི་རྒྱུན་ལས། གཞན་ཡང་སྐུ་ཚབ་བཅས་པ་ལྷན་འཛོམས་ཐོག་ཏུ་འགན་འཛིན་ལྷན་ཚོགས་ཐེངས་༤༨་པ་ཚོགས་ཡོད་ཅིང་། ཚོགས་ཐོག་དེར་བོད་ཆོལ་གསུམ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་འབད་བརྩོན་བྱ་གལ་ཆེ་ཞེས་ནན་བརྗོད་བྱས་ཡོད་པའི་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG