༄༅།། རྒྱ་ནག་དམར་ཤོག་ཚོགས་པས་སྔ་ལོའི་དགུན་དུས་སུ་སྲིད་འཛིན་གྱི་ལས་དུས་ཚད་བཀག་མེད་པར་བཏང་བའི་གསལ་བསྒྲགས་སྤེལ་རྗེས་རྒྱ་ནག་གཞུང་གིས་འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་འཇོར་ཇི་ཨོ་ཝལ་གྱིས་བརྩམས་པའི་བྱོལ་སོང་གཞིས་ཀ་དང་༡༩༨༤་གཉིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་སྐབས་རིང་འགྲེལ་བརྗོད་བྱ་རྒྱུ་ཞིབ་བཤེར་བྱས་ཡོད་ཅིང་། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་རྩོམ་སྒྲུང་དེ་དག་གི་མཚན་བྱང་གིས་རྒྱ་ནག་སྲིད་དབང་གཅིག་སྡུད་རིང་ལུགས་སུ་འགྱུར་བཞིན་པ་གསལ་སྟོན་བྱས་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།