༄༅།། ཨ་རིའི་སྲིད་འཛིན་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་གཞུང་གྲོན་གྱི་འཆར་གཞིའི་ཐོག་ཏུ་གྲོས་མཐུན་མ་བྱུང་བར་གཞུང་གི་ལས་ཁུངས་ཁག་ཅིག་ལ་གྲོན་དངུལ་མེད་པར་སྒོ་རྒྱག་དགོས་བྱུང་ནས་ཉི་མ་༢༤་པ་དེ་འགྲོ་བཞིན་ཡོད་ཅིང་། ཨ་མི་རི་ཀ་བ་བརྒྱ་ཆ་༥༣་གྱིས་སྲིད་གཞུང་སྒོ་བརྒྱབ་པའི་ལན་ཁག་སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པས་སྲིད་གཞུང་སྒོ་བརྒྱབ་པའི་ལན་ཁག་དམངས་གཙོ་ཚོགས་པར་ཡོད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།