ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་ཧ་ས་ཁ་བའི་གནས་སྟངས།


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེ་མི་རིགས་ཁག་སྡེབ་འཛིན་གྱིས་མི་གྲངས་ས་ཡ་གཅིག་ཙམ་བཀག་ཉར་ཁང་འདྲ་མིན་ཞིག་གི་ནང་དུ་བཅུག་ཡོད་པ་དེ་དག་གྲས་སུ་ཞིན་ཅང་དུ་སྐྱེས་ཤིང་། འཚར་ལོངས་བྱུང་བའི་ཧ་ས་ཁ་བ་བརྒྱ་ཕྲག་མང་པོ་ཚུད་ཡོད་པས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁ་ཛཀ་སི་ཐན་གྱི་གཞུང་དང་རྒྱ་ནག་གཉིས་ཀྱིས་གྲོས་མོལ་བྱས་ནས་ཞིན་ཅང་གི་ས་གནས་ཁག་ཏུ་ཡོད་པའི་ཧ་ས་ཁ་བ་སྟོང་ཕྲག་གཉིས་ལྷག་ཁ་ཛཀ་སི་ཐན་ལ་ཕྱིར་སློག་བྱེད་དུ་འཇུག་གི་ཡོད་པ་རེད། ཡིན་ནའང་ཞིན་ཅང་གི་བཀག་ཉར་ཁང་ནས་གློད་གྲོལ་བཏང་རུང་ཁ་ཛཀ་སི་ཐན་ལ་ཕྱིར་ལོག་བྱ་མ་ཐུབ་པར་སྔར་བཞིན་འགགས་ཡོད་མཁན་མཐུད་དུ་འབྱུང་གི་ཡོད་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG