༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་མ་བྱས་ཚེ། བྱང་ཀོ་རི་ཡས་ཐབས་ལམ་གཞན་ཞིག་འདམ་སྲིད་ཅེས་ཉེན་བརྡ་ཞིག་བཏང་ཡོད་ཅིང་། ད་ལྟ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མགྲོན་འབོད་བྱས་པ་ལྟར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཟའ་མིག་དམར་ཉིན་རྒྱ་ནག་ལ་ཕེབས་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།