ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༣/༢༤

ཕྱི་ནང་གི་དཀའ་ངལ་སེལ་ཐབས་འཚོལ་ཞིབ།


༄༅།། གཡོ་འགུལ་ཆེ་བའི་ཕྱི་ལོ་༢༠༡༨་ནི་མཇུག་སྒྲིལ་ཟིན་པ་དང་འཛམ་གླིང་ཡོངས་ཀྱིས་ཕྱི་ལོ་༢༠༡༩་བསུས་ནས་མདུན་ཕྱོགས་སུ་ལྟ་བཞིན་ཡོད་ཅིང་། འདི་ལོ་ནི་རྒྱ་ནག་དམར་ཤོག་གིས་སྲིད་དབང་བཟུང་ནས་ལོ་༧༠་འཁོར་པ་དང་ཨ་མི་རི་ཀ་དང་རྒྱ་ནག་གིས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་༤༠་འཁོར་པ། རྒྱ་ནག་གིས་དྲུག་བཞིའི་ལས་འགུལ་དྲག་གནོན་བྱས་ནས་ལོ་༣༠་འཁོར་གྱི་ཡོད་པས་ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་རྒྱ་ནག་ལ་ལོ་བརྒྱའི་ནང་དུ་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་ཞིག་ཐེབས་བཞིན་ཡོད་ཅེས་བཤད་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG