ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྕམ་ཕེ་ལོ་སཱི་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་འོས་འདེམས་བྱུང་བ།


༄༅།། ལྕམ་ནེན་སཱི་ཕེ་ལོ་སཱི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་སྟེ་ལོ་རྒྱུས་ཐོག་ཨ་མི་རི་ཀའི་ཆབ་སྲིད་ཀྱི་ནང་བུད་མེད་དབང་ཐང་ཆེ་ཤོས་དེར་གྱུར་ཡོད། དགུང་གྲངས་༧༨ལ་ཕེབས་པ་ལྕམ་ཕེ་ལོ་སཱི་ཡིས་སྤྱི་ཟླ་༡ཚེས་༣ རེས་གཟའ་ཕུར་བུའི་ཉིན་ཚོགས་གཙོའི་མཛད་འགན་བཞེས་རྒྱུའི་དམ་བཅའ་དངོས་སུ་ཕུལ་བ་དང་སྦྲགས་ཨ་མི་རི་ཀའི་མི་དམངས་ཀྱི་བདེན་དོན་གྱི་ཆེད་དུ་ཕྱག་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་གཞན་རྣམ་པ་དང་མཉམ་ལས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG