ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱལ་སྤྱིའི་ཙོང་ཁ་པའི་ལོ།


༄༅།། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༩་འདི་རྒྱལ་སྤྱིའི་ཙོང་ཁ་པའི་ལོ་ལ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་ཅིང་། ལོ་འདིར་རྗེ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པར་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགའ་ལྡན་ལྔ་མཆོད་ཀྱི་སྐབས་སུ་མཆོད་འབུལ་རྒྱ་ཆེན་པོ་ཞིག་བྱ་རྒྱུ་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་ཆ་ཚང་དཔར་དུ་བསྐྲུན་རྒྱུ། ཧོང་ཀོང་དང་ཐེ་ཝན་སོགས་སུ་མཛད་སྒོ་རྒྱ་ཆེན་འཚོགས་འཆར་ཡོད་པ་སོགས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལག་བསྟར་འགན་འཛིན་དང་ཤར་རྩེའི་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG