ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་༧གོང་ས་མཆོག་མཇལ་འཕྲད།


༄༅། །རྒྱ་གར་གྱི་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཎི་ཏིཤ་ཀུ་མར་རེས་གཟའ་ཟླ་བའི་ཉིན་གནས་མཆོག་རྡོ་རྗེ་གདན་ལ་ཆེད་དུ་བཅར་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་འདུག་ཅིང་། མཇལ་འཕྲད་གྲུབ་པའི་རྗེས་སུ་སྤྱི་ཁྱབ་བློན་ཆེན་གྱིས་གསར་འགོད་པ་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཅུང་ཙམ་སྐུ་ཐང་མཉེལ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་ཏུ་འཕྲལ་མར་རྡོ་རྗེ་གདན་ལ་བཅར་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འདུན་པ་བྱུང་སྟེ་རྡོ་རྗེ་གདན་དུ་བཅར་པ་ཡིན། ༧གོང་ས་མཆོག་སྐུ་ཁམས་ཧ་ཅང་བཟང་པོ་འདུག་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG