ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སེམས་ཁམས་སྐྱིད་པོ་དང་ལུས་ཁམས་བདེ་ཐང་།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཀིརྟི་བྱེས་པ་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དྲང་ངེས་ལེགས་བཤད་སྙིང་པོའི་མཁས་པའི་བགྲོ་གླེང་གི་མཛད་སྒོའི་སྟེང་དུ་བཀའ་སློབ་ཟབ་རྒྱས་གནང་སྐབས། བོད་པའི་བླ་མ་དང་དགེ་བཤེས། རབ་བྱུང་སོགས་དགོངས་པ་རྫོགས་རྗེས་སུ་ཐུགས་དམ་ལ་བཞུགས་ཀྱི་ཡོད་པར་ཨུ་རུ་སུའི་མོ་སི་ཀོ་སློབ་གྲྭ་ཆེན་མོའི་ཀླད་ཁམས་ཚན་རིག་པ་ཚོས་དོ་སྣང་དང་། སེམས་དང་སྲོག་གི་འབྲེལ་བ། རྣམ་ཤེས་སོགས་ལ་ཉམས་ཞིབ་བྱེད་ཀྱིན་འདུག་པས་བོད་པའི་དགོན་སྡེ་ཁག་གིས་དེ་ལ་མཐུན་འགྱུར་རོགས་རམ་བྱ་དགོས་ཞེས་བཀའ་གནང་ཡོད་པར་མ་ཟད། ༧གོང་ས་མཆོག་གིས་མིའི་སེམས་ཁམས་སྐྱིད་པོ་དང་ལུས་ཁམས་བདེ་ཐང་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་གསུངས་ཡོད་པའི་སྐོར། ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG