ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཁ་ཆེའི་སློབ་ཕྲུག་དྷ་སར་ལྟ་སྐོར་དུ་འབྱོར་པ།


Photo credit: Pema Tashi

༄༅།། རྒྱ་གར་བྱང་ཕྱོགས་ཀྱི་ཤི་རི་ན་གྷར་གྲོང་ཁྱེར་དུ་གཞིས་ཆགས་པའི་བོད་པ་ཁ་ཆེའི་སློབ་གྲྭ་ཞིག་གི་སློབ་ཕྲུག་ཁག་ཅིག་ཤེས་ཡོན་སྐོར་སྐྱོད་ཀྱི་ཆེད་དུ་རྒྱ་གར་རྡ་རམ་ས་ལ་ནས་སྐྱོར་སྐྱོད་འགོ་ཚུགས། ཁོ་ཚོས་རྡ་རམ་ས་ལའི་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག སློབ་གྲྭ་ཁག་ཏུ་སྐོར་སྐྱོད་དང་བོད་མིའི་དབུ་ཁྲིད་རྣམ་པར་མཇལ་འཕྲད་བྱུང་འདུག

བོད་པ་ཁ་ཆེའི་སློབ་ཕྲུག་རྣམས་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་ལྟ་སྐོར་དུ་བསྐྱོད་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་ལྟ་སྐོར་ལ་ཕེབས་པའི་དགེ་རྒན་ཞིག་གིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་འགྲེལ་བརྗོད་བྱས་བྱུང་། ཁོང་གིས་ང་ཚོ་བོད་ལ་སླེབས་ཐུབ་མེད་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་རྡ་རམ་ས་ལར་སྐོར་སྐྱོད་དུ་སླེབས་ནས་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཁག་ལ་བསྐྱོད་སྐབས་ཐད་ཀར་བོད་སྐད་བཤད་རྒྱུའི་གོ་སྐབས་བྱུང་སོང་། འཛིན་སྐྱོང་དང་གྲོས་ཚོགས་སོགས་ཀྱི་ལས་དོན་བྱེད་ཕྱོགས་ནས་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་རྟོགས་བྱུང་སོང་བས་སྐོར་སྐྱོད་འདིར་དགེ་མཚན་ཆེན་པོ་བྱུང་སོང་ཞེས་ལན་འདེབས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG