ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་དམག་སྦྱོང་ལ་དོགས་སློང་།


༄༅།། སྔ་ལོ་རྒྱ་དཀར་ནག་གཉིས་ཀྱིས་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་རྒྱག་གྲབས་བྱས་ནས་ཛ་དྲག་ཆེན་པོ་བྱུང་ཞིང་། ད་ལོ་རྒྱ་དཀར་ནག་གཉིས་ཀྱི་ལོ་རེའི་མཉམ་འབྲེལ་དམག་སྦྱོང་སླར་གསོ་བྱུང་རུང་མཉམ་འབྲེལ་དམག་སྤྱོང་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་དུ་འཇུག་ཐུབ་རྒྱུ་ཡིན་མིན། ལྷག་པར་དུ་རྒྱ་དཀར་ནག་གཉིས་སེམས་གཏིང་དུ་ཕན་ཚུན་ཡིད་ཆེས་མེད་པའི་རྣམ་རྟོག་ཡོད་པ་རྣམས་སེལ་ཐུབ་རྒྱུ་ཡིན་མིན་ལ་དོགས་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་སྐོར། རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་ཐོན་པའི་གནས་ཚུལ་དེ་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG