ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སིངྒ་ལའི་སྲིད་བློན་ཟུར་པ་སླར་ཡང་སྲིད་བློན་ལ་བསྐོ་བཞག


༄༅།། སེངྒ་ལའི་སྲིད་འཛིན་གྱིས་ཉེ་ལམ་རྒྱལ་ཁབ་དེའི་སྲིད་བློན་གནས་དབྱུང་བཏང་མོད། འོན་ཀྱང་ད་ལྟ་སྲིད་འཛིན་གྱིས་སླར་ཡང་སྲིད་བློན་ར་ནཱིལ་ཝི་ཀྲམ་སིང་རྒྱལ་ཁབ་དེའི་སྲིད་བློན་ལ་བསྐོ་གཞག་བྱས་ཤིང་། སྐུ་ཞབས་ཝི་ཀྲམ་སིང་གིས་སྲིད་འཛིན་ཕོ་བྲང་དུ་བཅར་ནས་ལས་ཁུར་དམ་བཅའ་བཞག་པས་སྲིད་བློན་གྱི་རྒྱབ་སྐྱོར་པ་ཚོས་རྒྱལ་སའི་སྲང་ལམ་ཁག་ཏུ་ཤོག་སྦག་སྦར་བ་དང་དགའ་བའི་གླུ་བླངས། སྐྱིད་པའི་བྲོ་འཁྲབ་པ་སོགས་ཀྱི་དགའ་སྟོན་བྱས་ཤིང་། འཛིན་ཤྲི་སེ་ནས་ཉི་མ་༥༡་གོང་སྟེ། ཟླ་བ་གཉིས་མ་ཟིན་ཙམ་གྱི་སྔོན་དེར་གློ་བུར་དུ་སྐུ་ཞབས་ཝི་ཀྲམ་སིང་སྲིད་བློན་གྱི་མཚན་གནས་ནས་གནས་དབྱུང་བཏང་སྟེ་དེའི་ཚབ་ཏུ་སིངྒེ་ལའི་སྲིད་འཛིན་ཟུར་པ་རཱ་ཛཱ་པག་སེ་སྲིད་བློན་གསར་པར་བསྐོ་བཞག་བྱས་པས་རྒྱལ་ཁབ་དེར་ཆབ་སྲིད་ཀྱི་ཟིང་ཆ་ཆེན་པོ་ལངས་ཡོད་པ་རེད།། གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG