ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧྭ་ཝེ་བཟོ་ཚོང་ཁང་གི་བདག་པོ་གློད་པ་དང་རྒྱ་ནག་གི་རྣམ་འགྱུར།


ཨ་རིའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་བཀག་ཉར་བྱས་ཏེ། འདས་པའི་ཉིན་གསུམ་ལ་ཁྲིམས་ར་ཚོགས་པའི་རྗེས་སུ་དངུལ་སྒོར་གཏའ་མར་བཞག་ནས་གནས་སྐབས་རིང་གློད་གྲོལ་བཏང་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་ཞིག་འཛིན་བཟུང་བྱས་པ་ནི་མི་དེར་རྒྱ་ནག་གི་ནང་དུ་ཁྲིམས་མཐུན་གྱི་ལས་ཀ་བྱེད་ཆོག་པའི་ཆོག་མཆན་དང་དེབ་སྐྱེལ་བྱས་མེད་པའི་སྟབས་ཀྱིས་ཡིན་ཞེས་སྐྱོན་འཛུགས་བྱེད་འདུག དབྱེ་ཞིབ་པ་ཚོས་རྒྱ་ནག་གི་བྱ་སྤྱོད་དེ་ནི་ཁེ་ན་ཌའི་གཞུང་ལ་འཁོན་ལན་སློག་པའི་ཆེད་དུ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཀྱང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧྭ་ཝེའི་གནད་དོན་ཐོག་ཏུ་མིའི་བློ་ཡུལ་དུ་མ་ཤར་པའི་གཏམ་བཤད་ཅིག་སྤེལ་ཡོད་པ་བཅས་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG