ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་སྐོར་གྱི་ཁྲིམས་འཆར་ལ་མོས་མཐུན་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་གོང་མ་ནས་རྒྱ་ནག་གི་མི་སེར་ཨ་རིའི་ནང་ཡོང་ཆོག་པའི་ཐོབ་ཐང་ཡོད་པ་བཞིན་ཨ་རིའི་མི་སེར་བོད་ནང་སྐྱོད་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་H.R.1872 ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་བྱུང་ཡོད། ཁྲིམས་འཆར་འདིར་ཨ་རིའི་གྲོས་ཚོགས་འོག་མ་ནས་མོས་མཐུན་བྱུང་བའི་རྗེས་ད་རེས་ཨ་རིའི་གྲོས་ཚོགས་གོང་མ་ནས་ཀྱང་སྤྱི་མོས་ཐོབ་ཡོད་པས། དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ནས་མཚན་རྟགས་བཀོད་རྒྱུར་ཕུལ་གྱི་ཡོད་འདུག

སྤྱི་ཚེས་༡༡དང་རེས་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཨ་རིའི་གྲོས་ཚོགས་གོང་མ་ནས་རྒྱ་ནག་གི་མི་སེར་ཨ་རིའི་ནང་ཡོང་ཆོག་པའི་ཐོབ་ཐང་ཡོད་པ་བཞིན་ཨ་རིའི་མི་སེར་བོད་ནང་སྐྱོད་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་H.R.1872 ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་བྱུང་ཡོད། ཁྲིམས་འཆར་འདིའི་ནང་ཨ་རིའི་ཕྱི་འབྲེལ་མི་སྣ་དང་དེ་མིན་གྱི་དཔོན་རིགས། གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ནང་སྐྱོད་རྒྱུར་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་བཀོད་ཡོད། ཁྲིམས་འཆར་འདིར་ཨ་རིའི་གྲོས་ཚོགས་འོག་མ་ནས་མོས་མཐུན་བྱུང་བའི་རྗེས་ད་རེས་ཨ་རིའི་གྲོས་ཚོགས་གོང་མ་ནས་ཀྱང་སྤྱི་མོས་ཐོབ་ཡོད་པས། དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ནས་མཚན་རྟགས་བཀོད་རྒྱུར་ཕུལ་གྱི་ཡོད་འདུག
XS
SM
MD
LG