ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རང་སྲེག་ངོ་རྒོལ་བ་དེ་གྲོངས་མི་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་མཇུག་དེར་བོད་ཀྱི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཀྱང་རང་སྲེག་ངོ་རྒོལ་བ་དེ་ད་དུང་གྲོངས་མེད་པའི་གནས་ཚུལ་འབྱོར་ཡོད་ཅིང་། ཡིན་ནའང་བོད་པ་ན་གཞོན་དེ་རྒྱ་གཞུང་གིས་སྨན་ཁང་དང་ས་གནས་གང་དུ་ཉར་འཛིན་བྱེད་ཡོད་མེད་པ་གསལ་བོ་མི་འདུག

ཕྱི་ཟླ་༡༢་ཚེས་༨་དང་གཟའ་སྤེན་པའི་ཉིན་མོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བོད་ནས་ཐད་ཀར་གནས་ཚུལ་འབྱོར་པ་ལྟར་ན་བོད་མདོ་སྨད་རྔ་པ་རྫོང་སྲིད་གཞུང་གི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་ཤིག་ཏུ་ལོ་ན་༢༢་ཡས་མས་སུ་སོན་པའི་ན་གཞོན་ཞིག་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་དོན་བདེན་མཐའ་སེལ་དགོས་ཞེས་སྐད་འབོད་བྱེད་ཞོར་དུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་ན་རང་སྲེག་ངོ་རྒོལ་བ་ནི་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་ནང་བསྟན་སློབ་གྲྭའི་དགེ་འདུན་པ་ཟུར་བ་ཞིག་ཡིན་པ་དང་སྤྱི་ལོ་༢༠༡༧ལོར་སྐྱ་སར་ཕབ་པ་རེད་འདུག ཁོང་གི་གྲྭ་མིང་ལ་ཆོས་ཀྱི་རྒྱལ་མཚན་ཟེར་བ་དང་སྐྱ་སར་ཕབ་རྗེས་འབྲུག་ཁོ་ཟེར་བཞིན་པ་རེད། ཁོ་པ་རྔ་པ་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བ་ནས་ཡིན་པ་རེད།།

གཟའ་ཉི་མ་སྟེ། ཕྱི་ཟླ་༡༢་པའི་ཚེས་༩་ཉིན་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱུང་ཁུངས་ཤིག་གིས་རང་སྲེག་ངོ་རྒོལ་བ་དེ་ད་དུང་དབུགས་ཆད་མི་འདུག་ཅེས་བརྗོད་པ་དང་དེའི་རྗེས་སུ་གནས་ཚུལ་འབྱུང་ཁུངས་ལ་འབྲེལ་བ་བྱ་ཐབས་མེད་པར་གྱུར་ཀྱང་གཟའ་སྤེན་པའི་ཉིན་རྔ་པའི་རྫོང་ཐོག་ཏུ་བོད་པ་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་བདེན་པ་དཔང་ཐུབ་ཡོད་པ་རེད། རང་སྲེག་ངོ་རྒོལ་བ་དེའི་མིང་ལ་ཆོས་ཀྱི་རྒྱལ་མཚན་ནམ། ཡང་ན་འབྲུག་ཁོ་ཞེས་པ་ནི་སྤྱི་ལོ་༢༠༡༨་ལོར་བོད་ཁུལ་དུ་རང་སྲེག་ངོ་རྒོལ་བྱེད་མཁན་གསུམ་པ་དེ་དང་། སྤྱི་ལོ་༢༠༠༩་ལོར་བོད་མདོ་སྨད་རྔ་པའི་ཕྱོགས་སུ་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ་བྱ་རྒྱུ་མགོ་བརྩམས་པ་ནས་བཟུང་། ད་ལྟ་བར་དུ་བོད་ནང་དུ་བོད་པ་༡༥༤་ཡིས་རང་ལུས་མེར་སྲོག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་པ་རེད།།

XS
SM
MD
LG