ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༢༡

ཤེས་ཡོན་དང་གཞན་ཕན་གྱི་བློ་ཟུང་འབྲེལ་དགོས་པའི་བཀའ་སློབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཛད་འཕྲིན་ཁག་དབུ་འཛུགས་དང་སྦྲགས། དེ་རིང་སྔ་དྲོར་མགོན་པོ་གང་ཉིད་རྒྱ་གར་རྒྱལ་ཡོངས་སུ་ཚན་རིག་དང་སྒྱུ་རྩལ་སློབ་གཉེར་ལ་སྐད་གྲགས་དང་ཆེ་མཐོང་ལྡན་པའི་སན་ཊི་སི་ཊེ་ཧྥེན་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་༡༣༧་འཁོར་པའི་དུས་ཆེན་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། ༧གོང་ས་མཆོག་གིས་མཐོ་སློབ་དེའི་སློབ་ཕྲུག་ཚོར་ཤེས་ཡོན་དང་གཞན་ཕན་གྱི་བྱམས་བརྩེའི་བློ་གཉིས་ཟུང་དུ་འབྲེལ་ནས་དུས་རབས་ཉེར་གཅིག་པའི་མི་ཞིག་བྱ་དགོས་པ་གལ་འགངས་ཆེན་པོ་ཡིན་ཞེས་ལམ་སྟོན་བཀའ་སློབ་བསྩལ་འདུག་པའི་སྐོར། ལྡི་ལི་ནས་ང་ཚོའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱི་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG