ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་ལ་དཔྱད་ཞིབ།


ཨ་མི་རི་ཀའི་གཞུང་གིས་རེ་སྐུལ་ཞུས་དོན་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་ཆེན་པོ་དེའི་སྤྱི་ཁྱབ་དཔལ་འབྱོར་འགན་འཛིན་མེང་ཝེ་ཀྲུག་འཇུ་བཟུང་བྱས་ནས་ཨ་མི་རི་ཀར་རྩིས་སྤྲོད་བྱས་ཡོད་ཅིང་། དེར་བརྟེན་ཉེ་ཆར་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་སྒོ་ཁྲལ་རྒྱག་རེས་བྱེད་ཀྱི་ཡོད་པ་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་དེར་གནོད་སྐྱོན་འབྱུང་སྲིད་པའི་འཇིགས་སྣང་གསར་པ་ཞིག་ཡོང་གི་ཡོད་པར་མ་ཟད། ད་དུང་ཨ་མི་རི་ཀའི་གཞུང་གི་མཐོ་རིམ་ལས་སྣེ་ཚོས་རྒྱ་ནག་ལ་ཚོང་དོན་གྱི་གྲོས་མོལ་བྱེད་ཕྱོགས་སུ་གྱོང་མཁྲེགས་ཆེ་བའི་སྲིད་ཇུས་མུ་མཐུད་དུ་འཛིན་གྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་དཔལ་མོ་མཁས་གྲུབ་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG