ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཁེ་ན་ཌས་ཧྭ་ཝེ་བཟོ་ཚོང་ཁང་གི་བདག་པོའི་བུ་མོ་འཛིན་བཟུང་།


ཁེ་ན་ཌའི་གཞུང་གིས་ཨ་རིའི་རེ་འདུན་ལྟར་རྒྱ་ནག་གི་ཁ་པར་ཡོ་ཆས་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་བཟོ་ཚོང་ཁང་གི་སྤྱི་ཁྱབ་དཔལ་འབྱོར་འགན་འཛིན་དང་བཟོ་ཚོང་ཁང་དེ་གསར་འཛུགས་པ་རེན་ཀྲེན་ཧྥེའི་བུ་མོ་མཱང་ཝན་ཀྲོའོ་འཛིན་བཟུང་བྱས་ཡོད་པ་རེད། འདི་ནི་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་ཡོ་ཆས་བེད་སྤྱོད་བྱེད་མཁན་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཀ་འབྱུང་གི་ཡོད་པ་ཤེས་རྟོགས་བྱུང་ནས་དོགས་ཟོན་དང་བཟོ་ཚོང་ཁང་དེའི་ཁ་པར་ཡོ་ཆས་བེད་སྤྱོད་བྱ་རྒྱུ་བཀག་འགོག་བྱེད་བཞིན་པའི་སྐབས་དེར་བྱུང་བ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་བཟོ་ཚོང་ཁང་དེའི་སོ་མྱུལ་བྱེད་ཕྱོགས་ལ་ཨ་མི་རི་ཀ་སྔ་མོ་ནས་དོགས་པ་ཡོད་པས་ཨ་རིའི་གཞུང་གིས་ཁེ་ན་ཌར་མཱང་ཝན་ཀྲའོ་འཛིན་བཟུང་དང་རྩིས་སྤྲོད་བྱ་དགོས་ཞེས་རེ་འདུན་ཞུས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་འཛིན་བཟུང་གི་གནས་ཚུལ་དེ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སོགས་སྐོར་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG