ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁུང་ཙིའི་སློབ་གླིང་སྒོ་རྒྱག་དགོས་པའི་ཐག་གཅོད།


ཨ་མི་རི་ཀའི་བྱང་ཁེ་རོ་ལེ་ན་མངའ་སྡེའི་གཞུང་གིས་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་བཙུགས་པའི་ཁུང་ཙིའི་སློབ་གླིང་རྣམས་རྒྱག་དགོས་པའི་ཐག་གཅོད་བྱས་འདུག རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་རྣམས་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱ་ཡུལ་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་མོད། འོན་ཀྱང་ཨ་རིའི་དབུས་གསང་བ་ལས་ཁང་སོགས་ཀྱིས་རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་རྣམས་བཀོལ་སྤྱོད་ལོག་པ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་པའི་སྐབས་སུ་བྱང་ཀེ་རོ་ལེ་ན་མངའ་སྡེའི་གཞུང་གིས་རང་ས་ཐོག་ཏུ་ཚུགས་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་དགོས་པའི་ཐག་གཅོད་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་རྡོ་རྗེ་ཐོགས་མེད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG