ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་ལྷ་བབ་གནས་སུ་ཆིབས་སྒྱུར།


ཕྱི་ཚེས་༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཕེབས་ཐོན་གྱིས་མཁའ་ལམ་བརྒྱུད་དེ་རྒྱ་གར་གྱི་ཨུ་དྷར་པར་ཌེ་ཤཱི་མངའ་སྡེའི་ཁོངས་སུ་ཆགས་པའི་སན་ཀི་སའམ། ཡང་ན་ནང་པ་ཚོས་ལྷ་བབ་གནས་སུ་བརྩི་བའི་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་ཅིང་། ཧྥ་རུཀ་བྷ་ཐེ་ས་གནས་ཀྱི་གནམ་ཐང་དུ་ས་གནས་རྫོང་གི་ལས་སྣེ་ཁག་དང་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་མུ་ཀེ་ཤི་ར་ཇི་པུད། ཐེངས་འདིའི་གསུང་ཆོས་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྟེ། མངའ་སྡེའི་བློན་ཆེན་ཟུར་པ་ཨ་ལོཀ་ཤཀྱ། གཞན་ཡང་ས་གནས་དང་མངའ་སྡེ་དེའི་གནད་ཡོད་མི་སྣ་ཁག་གིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་དང་འཚམས་ཞུར་བཅར་འདུག ༧གོང་ས་མཆོག་ཉིན་གུང་ཆུ་ཚོད་༡༢་ཙམ་ལ་བཞུགས་གནས་མགྲོན་ཁང་དུ་ཕེབས་མ་ཐག་ཏུ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་དང་བླངས་པ་༣༠༠་ཡས་མས་ཤིག་ལ་མཇལ་ཁ་གནང་ཞིང་། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་རིང་གི་འཚེ་བ་མེད་པའི་སྤྱོད་པ་ནི་འཛམ་གླིང་འདིར་དགོས་མཁོ་ཅན་དུ་གྱུར་ཡོད་ཅེས་ཆེ་བསྟོད་མཛད་འདུག་པའི་སྐོར། ང་ཚོའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱི་ས་གནས་ནས་བཏང་པའི་གནས་ཚུལ་རྒྱས་པ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG