ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་ཁྲལ་བརྒྱ་ཆ་བཅུ་འགེལ་སྲིད།


ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ལག་ཐོགས་ཁ་པར་དང་ལག་འཁྱེར་རིག་མཛོད་འཕྲུལ་ཆས་ལ་སྒོ་ཁྲལ་བརྒྱ་ཆ་བཅུ་འགེལ་སྲིད་ཅེས་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཟའ་ཟླ་བའི་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་པར་གྱི་འགོར་པར་བཤད་འདུག་པར་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཆེས་མཐོའི་ལྷན་ཚོགས་ཤིག་འཚོགས་རྒྱུའི་ཉིན་བཞིའི་སྔོན་ཏེ། ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་བཅུ་ནས་ཉི་ཤུ་རྩ་ལྔ་ཙམ་སྤར་རྒྱུའི་དུས་བཀག་བྱས་ཡོད་པ་ཕྱིར་འགྱངས་བྱ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་གསུངས་ཡོད་པ་སོགས་ཀྱིས་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG