ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཚེ་དབྱིན་ཝེན་གྱིས་རྒྱ་ནག་གི་ཐེ་ཝན་ཟེར་པ་ཞིག་མེད་ཟེར།


ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་གཟའ་སྤེན་པའི་ཉིན་མོར་ཐེ་ཝན་ལ་ས་གནས་རིམ་པའི་རྒྱལ་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པ་དེར་ཕྱིའི་སྟོབས་ཤུགས་ཀྱིས་ཐེ་ཇུས་དང་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་དམིགས་ཡུལ་འབའ་ཞིག་ནི་ཐེ་ཝན་གྱི་དམངས་གཙོའི་ལམ་སྲོལ་མེད་པར་གཏོང་རྒྱུ་དེ་རེད་ཅེས་གསུངས་ཡོད་ཅིང་། བདུན་ཕྲག་འདིར་ཐེ་ཝན་གྱི་གློག་བརྙན་བྱ་དགའ་ཆེ་ཤོས་ཏེ། གསེར་རྟའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཏུ་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་ཞིག་གིས་ཀྲུང་གོའི་ཐེ་ཝན་དང་མཚོ་འགག་ཕྱོགས་གཉིས་ཁྱིམ་ཚང་གཅིག་ཡིན་ཟེར་ནས་གཏམ་བཤད་བྱས་པར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དགག་པ་བསྐྱོན་ཏེ་ཐེ་ཝན་ནི་ཐེ་ཡིན་པ་ལས་རྒྱ་ནག་གི་ཐེ་ཝན་ཟེར་པ་ཞིག་མེད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG