ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོ་མཇལ་འཕྲད།


༄༅།། དེ་རིང་རེས་གཟའ་མིག་དམར་ཏེ། ཕྱི་ཟླ་༡༡་ཚེས་༢༠་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཉི་ཧོང་གི་གྲོས་ཚོགས་སུ་ཆིབས་སྒྱུར་གནང་སྟེ་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་གཙོས་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་དང་གྲོས་མོལ་གནང་ཡོད་ཅིང་། ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཁག་གང་མགྱོགས་སེལ་ཐབས་སུ་ཉི་ཧོང་གཞུང་དང་རྒྱལ་སྤྱིའི་གླེང་སྟེགས་ཁག་ཏུ་བོད་སྐུལ་ཞུ་རྒྱུའི་གྲོས་ཆོད་ཞིག་བཞག་ཡོད་པ་སོགས་ཀྱི་སྐོར། ཉི་ཧོང་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོག་ལགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG