ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་རིགས་ཆོས་ཞུ་བར་མཇལ་ཁ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༡༤་དང་ཚེས་༡༥་གཉིས་ལ་ཉི་ཧོང་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་གསུང་ཆོས་གནང་ཡོད་ཅིང་། ཕྱི་ཚེས་༡༦་ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་ཀླད་ཁམས་རིག་པ་བ་གཙོས་ཚན་རིག་པ་ཚོར་བགྲོ་གླེང་གནང་ཡོད་པར་མ་ཟད། རྒྱ་ནག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༥༠༠་བརྒལ་བ་ཞིག་ལ་མཇལ་ཁ་དང་བཀའ་སློབ་གནང་འདུག

ཉི་ཧོང་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད། སྤྱིར་ཐེངས་འདིར་རྒྱ་ནག་ནས་ཆོས་ཞུ་བའི་མི་འབོར་ཧ་ཅང་མང་པོ་ཡོད་ཀྱང་སྲིད་གཞུང་གིས་དོ་དམ་བྱས་པ་སོགས་ཀྱིས་ཐོ་གཞུང་དུ་འཁོད་པ་ལྟར་ཆོས་ཞུ་བ་རྣམས་འབྱོར་ཐུབ་མ་སོང་། ཆོས་ཞུ་བ་ལྔ་བརྒྱ་ལྷག་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་སྐབས་སུ་ངུ་སྐད་ཤོར་བ་སོགས་དད་པ་དམ་ཚིག་གཡོ་བ་མེད་པའི་རྣམ་འགྱུར་ཐོན་པས་འཁྲིས་ཀྱི་མི་ལའང་ཡིད་འགུལ་ཆེན་པོ་ཞིག་ཐེབས་འདུག ༧གོང་ས་མཆོག་གིས་ཀྱང་ཐུགས་བརྩེ་བ་ཆེན་པོས་རྒྱ་རིགས་ཆོས་ཞུ་བ་ཚོར་དམིགས་བསལ་གྱི་བཀའ་སློབ་གནང་སོང་ཞེས་གསུངས་ཡོད་པ་བཅས་ཞིབ་ཕྲའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG