ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཆོས་དཔོན་ཧྲའོ་ཀྲུ་མིན་སླར་ཡང་བཀག་ཉར།

༄༅།། རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་བཙུགས་པའི་ཝེན་ཀྲུག་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་དཔོན་ཧྲའོ་ཀྲུ་མིན་སླར་ཡང་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པ་དང་། འདི་ནི་ཆོས་དཔོན་ཧྲའོ་ཀྲུ་མིན་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པ་ཐེངས་༨་པ་ཡིན་ཞིང་། ༡༩༩༩་ལོར་ཕི་ཊར་ཧྲའོ་ཀྲུ་མིན་གྱིས་རྒྱ་ནག་ཤར་ཕྱོགས་སུ་ཆགས་པའི་ཀྲེ་ཅང་ཞིང་ཆེན་གྱི་ཝེན་ཀྲུག་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་དཔོན་ཞིག་གི་ཐུགས་འགན་བཞེས་པའི་རྗེས་སུ་བཀག་ཉར་བྱ་རྒྱུ་འགོ་ཚུགས། འཇཱོན་ཞེས་པའི་མི་ཞིག་གིས་གསར་འགོད་པ་ཚོར་ཕྱི་ཟླ་༡༡་པའི་ཚེས་༩་ཉིན་ལོ་ན་༥༥་ལ་སོན་པའི་ཆོས་དཔོན་ཧྲའོ་ཀྲུ་མིན་ས་གནས་དེའི་ཡུའི་ཆིང་མི་རིགས་ལས་དོན་ཁང་དང་ཆོས་ལུགས་ལས་དོན་ཁང་གི་ལས་སྣེ་ཚོས་བཙན་ཁྲིད་བྱས་སོང་། རྒྱ་གཞུང་གི་ལས་སྣེ་ཚོས་ཆོས་དཔོན་ཧྲའོ་བཀག་ཉར་བྱས་དོན་ཅི་ཡིན་འགྲེལ་བཤད་མ་བརྒྱབ་པར་ཁོ་པ་ཉི་མ་༡༠་ནས་༡༥་ཡས་མས་ཤིག་གི་ནང་ཚུད་དུ་ཕྱིར་ལོག་བྱེད་ཀྱི་རེད་ཅེས་བཤད་མོད། འོན་ཀྱང་ཆོས་དཔོན་ཧྲའོ་ཀྲུ་མིན་བཙན་ཁྲིད་བྱས་དོན་ནི་ཡུའི་ཆིང་ས་གནས་སུ་ཆོས་དཔོན་འདས་པོ་ཇཱེམ་སི་ལིན་ཞི་ལིའི་དུར་ཁང་མདུན་དུ་སྨོན་ལམ་ཚོགས་པར་འབྲེལ་བ་ཡོད་ཅེས་སྲིད་གསར་འགྱུར་མཁོ་སྤྲོད་པས་བཤད་འདུག

ཆོས་དཔོན་འདས་པོ་ལིན་ཞི་ལི་ནི་༡༩༩༢་ལོའི་ཕྱི་ཟླ་༡༠་ཚེས་༤་ཉིན་ལྐོག་ཏུ་ཡེ་ཆུའི་ཆོས་དཔོན་གྱི་ཁྲི་ལ་མངའ་གསོལ་བྱས་པ་ཞིག་ཡིན་རུང་༢༠༠༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༩་ཉིན་འདས་གྲོངས་སུ་གྱུར། ཟླ་བ་འདིའི་ཚེས་༩་ཉིན་ཝེན་ཀྲུག་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་དད་པ་ཚོས་ཆོས་དཔོན་འདས་པོ་ལིན་ཞི་ལི་ཆོས་དཔོན་གྱི་ཁྲི་ལ་འཁོད་ནས་ལོ་༡༧་འཁོར་པའི་དུས་དྲན་སྐབས་སུ་དམ་པ་དེའི་དུར་ཁང་མདུན་དུ་སྨོན་ལམ་ཚོགས་ཏེ་རྗེས་དྲན་ཞུས། གསར་འགྱུར་མཁོ་སྤྲོད་པ་འཇཱོན་གྱིས་ཕྱི་ཟླ་༡༡་པའི་ཚེས་༤་ཉིན་ཆོས་དཔོན་ཧྲའོ་ཀྲུ་ལིན་དང་དེ་མིན་གྱི་ཆོས་གནས་གསུམ་གྱིས་མི་མང་ཆོས་དད་པ་༥༠༠་ལྷག་ཁྲིད་ནས་ཡུའེ་ཆིང་ས་གནས་སུ་ཡོད་པའི་ཆོས་དཔོན་འདས་པོ་ལིན་ཞི་ལིའི་དུར་ཁང་གི་མདུན་དུ་སྨོན་ལམ་ཚོགས་སོང་། ཡུའི་ཆིང་ས་གནས་ཀྱི་མི་རིགས་ལས་དོན་ཁང་དང་ཆོས་ལུགས་ལས་དོན་ཁང་གི་ལས་སྣེ། ད་དུང་རྒྱ་གཞུང་གི་སྤྱི་བདེ་མི་སྣ་རྣམས་ཡོང་སྟེ་ཆོས་ལུགས་ཀྱི་བྱེད་སྒོ་དེར་ལྟ་རྟོག་ནན་པོ་བྱས་པར་མ་ཟད། སྨོན་ལམ་ཚོགས་པའི་རྗེས་སུ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་ཆོས་དཔོན་ཧྲའོ་ཀྲུ་མིན་དང་ཆོས་གནས་ཁག་ཅིག་གཞུག་ལ་བཀག་ནས་སྐད་ཆ་བཤད་དགོས་ཡོད། ཝེན་ཀྲུག་གྲོང་ཁྱེར་གྱི་མི་མང་འདི་འདྲ་མང་པོ་ཞིག་ཅིའི་ཕྱིར་འདུ་འཛོམས་བྱས་པ་རེད་དམ་ཞེས་འདྲི་གཅོད་བྱས་སོང་། ཡིན་ནའང་ལོ་ལྟར་ཕྱི་ཟླ་༡༡་པའི་ཚེས་༡་ནས་༨་བར་དུ་ཡུའི་ཆིང་ས་གནས་སུ་ཆོས་དཔོན་འདས་པོ་ལིན་ཞི་ལི་དུར་སྦས་བྱས་ཡོད་ས་དེར་འདས་མཆོད་འབུལ་སྲོལ་ཞིག་ཚུགས་ཡོད་ཅེས་བཤད་ཡོད་པ་རེད།

ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༢༢་ཉིན་རྒྱ་ནག་གཞུང་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་རྣམས་ལ་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་བྱ་རྒྱུ། མ་འོངས་པར་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་ཁག་གི་འོས་མིའི་མཚན་ཐོ་རྣམས་བླ་ཆེན་ཕོབ་མཆོག་ལ་ཕུལ་ནས་བསྐོ་བཞག་བྱེད་དུ་འཇུག་རྒྱུ། རྒྱ་ནག་གི་ཡེ་ཤུའི་ཆོས་སྡེ་དུམ་བུ་གཉིས་སུ་ཆད་ཡོད་པ་གཅིག་སྒྲིལ་བྱ་རྒྱུའི་དགོངས་བཞེད་གནང་རུང་རྒྱ་ནག་གཞུང་གིས་སྲིད་གཞུང་ལ་མགོ་མ་སྒུར་པར་ཟུར་དུ་བཙུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་ལ་དྲག་གནོན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ་མིན་པའི་ཁས་ལེན་བྱས་མེད་པ་དང་། ཧོང་ཀོང་གི་ཡེ་ཤུའི་ཆོས་རྗེ་འཇོ་སེབ་ཟེན་སོགས་ཉམས་ཞིབ་པ་མང་པོ་ཞིག་གིས་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གིས་གྲོས་མཐུན་ཞིག་བཞག་པ་དེར་དགེ་མཚན་མེད། དེ་ནི་འདས་པའི་ལོ་༧༠་ཡས་མས་ཤིག་ལ་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་ལ་གློ་སྙིང་བྲང་གསུམ་བསྟན། བླ་ཆེན་ཕོབ་མཆོག་ལ་དད་པ་དམ་ཚིག་འགྱུར་བ་མེད་པའི་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་་རྣམས་བློས་བཏང་བ་ཞིག་ཏུ་འགྱུར་སྲིད། རྒྱ་ནག་གཞུང་གིས་སྲིད་གཞུང་གི་སྒྲིག་ཁོངས་སུ་མ་འདུས་པའི་ཡེ་ཤུའི་ཆོས་སྡེ་ཁག་རྩ་མེད་གཏོང་རྒྱུ་སྟབས་བདེ་རུ་ཕྱིན་པ་རེད་ཅེས་སྐྱོན་བརྗོད་བྱས་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་ཝེན་ཀྲུག་གྲོང་ཁྱེར་གྱི་ཆོས་དཔོན་ཧྲའོ་ཀྲུ་ལིན་བཀག་ཉར་ཐེངས་བརྒྱད་པར་བྱས་པ་དེ་ལ་བལྟས་ན་སྲིད་གཞུང་ལ་མགོ་མ་སྒུར་པའི་ཡེ་ཤུའི་ཆོས་ཚོགས་ཁག་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་རྣམ་པ་ཞིག་མངོན།

འཇཱོན་དང་ཐོ་མ་སི་ཞེས་པའི་གསར་འགྱུར་མཁོ་སྤྲོད་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ཝེན་ཀྲུག་གྲོང་ཁྱེར་གྱི་ཡུའི་ཆིང་ས་གནས་སུ་རྩ་བ་བརྟན་པོ་ཚུགས་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་སྡེ་ཁག་རྩ་མེད་གཏོང་རྒྱུའི་ཀུན་སློང་ཡོད་ཀྱང་ལས་སླ་བོར་དམིགས་ཡུལ་དེ་སྒྲུབ་ཐུབ་པ་ཞིག་མིན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གཟིགས་ཞིབ་པ་རྣམས་ཡུའི་ཆིང་ས་གནས་སུ་ལན་མང་ཡོང་སྟེ་ཞིབ་འཇུག་བྱེད་བཞིན་འདུག ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་༡༡་ཚེས་༤་ཉིན་ཆོས་དཔོན་ཧྲའོ་ཀྲུན་མིན་བཙན་ཁྲིད་བྱ་འཆར་ཡོད་ཀྱང་ཆོས་དཔོན་གྱིས་ང་ཕྱི་ཟླ་༡༡་པའི་ཚེས་༨་བར་དུ་ཁོམ་པ་མེད་ཅེས་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་སྐད་ཆ་བཤད་མ་སོང་། སྔོན་ཆད་ཀྱང་གཞུང་གི་ལས་སྣེ་ཚོས་ཆོས་དཔོན་ཧྲའོ་བཙན་ཁྲིད་བྱས་པའི་རྗེས་སུ་ང་ཚོར་གྱོན་གོས་དང་ཉལ་ཆས་སྐྱོལ་ཤོག་ཅེས་བརྡ་རྒྱག་གི་ཡོད། ཡིན་ནའང་ད་ཐེངས་རྒྱ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་བརྡ་ལན་གང་ཡང་བརྒྱབ་མ་སོང་། ང་ཚོས་ཆོས་དཔོན་ཧྲའོ་ནམ་ཕྱིར་ལོག་བྱེད་ཀྱི་ཡོད་མེད་དང་ཕྱིར་ལོག་བྱེད་ཐུབ་རྒྱུ་ཡིན་མིན་ཡང་ཚོད་དཔག་དཀའ་ཞེས་བཤད་འདུག

XS
SM
MD
LG