ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་ཉི་ཧོང་ལ་ཆིབས་སྒྱུར།


༄༅།། བོད་ཀྱི་བླ་ན་དབུ་ཁྲིད་སྤྱི་ནོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་མགོན་པོ་གང་ཉིད་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་ལ་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། ཕྱི་ཚེས་༡༤་ནས་དབུ་འཛུགས་ཀྱིས་ཉི་མ་བཅུའི་རིང་ལ་༧གོང་ས་མཆོག་གིས་ཉི་ཧོང་གི་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་གནང་རྒྱུ་དང་ཚན་རིག་པ་ཚོར་བགྲོ་གླེང་། མང་ཚོགས་ལ་ལམ་སྟོན་བཀའ་སློབ་གནང་རྒྱུ་བཅས་ཀྱི་མཛད་འཆར ཅི་ཡོད་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཉི་ཧོང་དུ་བཅའ་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་སུ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG