ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨོ་རི་ས་གཞིས་ཆགས་ལ་ཆར་རླུང་གི་གནོད་འཚེ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བདུན་ཕྲག་གཅིག་ཙམ་གོང་དེར་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་ལ་ཆར་རླུང་དྲག་པོ་གཡུགས་ནས་ཨོ་ཌི་ཤའི་མངའ་སྡེའི་རྫོང་ཁག་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ་མངའ་སྡེ་ཧྲིལ་བོར་མི་༢༧་ལ་སྲོག་སྐྱོན་ཕོག་ཅིང་། མི་གྲངས་འབུམ་༣་དང་ཁྲི་ཚོ་༦་ལྷག་ས་ཆ་གཞན་ལ་གནས་སྤོར་བྱ་དགོས་བྱུང་འདུག ཆར་རླུང་གི་གནོད་འཚེ་ཆེ་ཤོས་ཕོག་སའི་རྫོང་ཁག་སྟེ། གྷ་ཇ་པ་ཏི་རྫོང་ཁོངས་སུ་བོད་པ་བཙན་བྱོལ་བའི་ཨོ་རི་སི་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་ཚུགས་ཡོད་པས་གཞིས་ཆགས་དེའི་འགོ་ཁྲིད་ཆོས་ནོར་བསམ་གྲུབ་ལགས་ཀྱིས་བརྗོད་དོན་ལྟར་ན་ཆར་རླུང་གི་རྐྱེན་གྱིས་མི་ལ་སྲོག་སྐྱོན་བྱུང་མེད་ཀྱང་གཞིས་ཆགས་ཀྱི་ཞིང་པའི་མ་རྨོས་ལོ་ཏོག་གཙོ་བོར་གྱུར་པའི་སྟོན་འབྲས་བརྒྱ་ཆ་༩༠་ལྷག་བསྡུ་རྒྱུ་མེད་པ་མངའ་སྡེའི་སོ་ནམ་སྡེ་ཚན་གྱིས་ཞིབ་འཇུག་བྱས་ནས་མཐའ་སྡོམ་བརྒྱབ་འདུག ཞིང་ལས་གཉེར་མཁན་བོད་པ་མང་ཆེ་བར་འཚོ་རྟེན་ལས་རིགས་མེད་པ་དང་མང་ཆེ་བས་བུ་ལོན་བསྐྱིས་ནས་ས་ཞིང་འདེབས་ལས་བྱེད་བཞིན་ཡོད་པས་སྟོན་འབྲས་ལ་གནོན་འཚེ་ཕོག་པ་དེར་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཕོག་སོང་ཞེས་བརྗོད། མངའ་སྡེའི་གཞུང་དང་རྫོང་སྲིད་གཞུང་གཉིས་ཀས་གཞིས་ཆགས་ལ་གཟིགས་ཞིབ་གནང་ནས་གློག་དང་འཐུང་ཆུ་ཆད་པའི་དཀའ་ངལ་སེལ་ཐབས་གནང་བཞིན་ཡོད་ཀྱང་གཡས་གཡོན་ཀུན་ཏུ་ཤིང་སྡོང་དང་གློག་སྡོང་མང་པོ་རིལ་ཡོད་པའི་སྟབས་ཀྱིས་བསྐྱར་གསོའི་ལས་དོན་ལ་དུས་ཚོད་ལ་འགོར་འགྱངས་འགྲོ་ས་རེད་ཅེས་གཞིས་འགོ་ཆོས་ནོར་བསམ་གྲུབ་ཀྱིས་གསུངས་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་གཞིས་འགོ་ཆོས་ནོར་བསམ་གྲུབ་ལགས་སུ་ཁ་པར་ཐོག་ཏིུ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG