ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འབར་མའི་རོ་ཧིན་གྷ་ཚོར་དྲག་གནོན་བྱུང་བར་ཞིབ་འཇུག


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འཐུས་རྒྱལ་ཁབ་དགུ་ལས་གྲུབ་པའི་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་ཞིག་གིས་ལོ་སྔོན་མར་འབར་མའི་གཞུང་དམག་གིས་ཁ་ཆེའི་རོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་དྲག་གནོན་གྱིས་མི་རིགས་གཙང་སེལ་བཟོ་ཐབས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བའི་གྲུབ་འབྲས་ཁག་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱལ་ཚོགས་ཀྱི་བདེ་འཇག་ལྷན་ཁང་ལ་སྙན་སེང་ཞུ་རྒྱུ་དང་། དེའི་ཆེད་དུ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོཔགས་འཐུས་རྣམས་ཚོགས་འདུར་བསྐོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཀྱང་རྒྱལ་ཚོགས་སུ་བཅར་སྡོད་འབར་མའི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར།་རྒྱལ་སྤྱིའི་ལམ་ཁག་ལ་གནས་ཚུལ་འཐོན་པ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG