ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་གུར་བ་བཀག་ཉར་བྱས་ཡོད་པ་ངོས་ལེན།


ཞིན་ཅང་ས་གནས་ཀྱི་རྒྱ་ནག་གི་གཞུང་འཛིན་མི་སྣ་ཚོས་ཡུ་གུར་མི་རིགས་ལ་བསམ་བློའི་སློབ་གསོ་གཏོང་ཡུལ་བཀག་ཉར་ཁང་ཡོད་པ་ངོས་ལེན་བྱས་ཡོད་ཅིང་། བཀག་ཉར་ཁང་དེ་དག་གི་ནང་དུ་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད་ནས་མཐའ་ལྷུང་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་རྣམས་མེད་པར་བཟོ་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་པར་མ་ཟད། བཀག་ཉར་ཁང་དེ་དག་གི་ནང་དུ་མི་མང་པོར་དུས་གཅིག་ཏུ་སྦྱོང་བརྡར་སྤྲད་ནས་ལྟོ་གླ་ཡོད་པའི་ལྟེ་གནས་ཁང་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་གཞུང་གི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའམ། གཙོ་འཛིན་ཡུ་གུར་བ་ཤུ་ར་དྷ་ཛ་ཧྥེར་གྱིས་ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་མོར་རྒྱ་ནག་གི་གཞུང་གཉེར་ཤིན་ཧྭ་གསར་ཁང་ལས་གིས་བཅར་འདྲི་ཞིག་ལ་དང་ལེན་བྱས་ནས་གསར་འགྱུར་ལས་ཁང་དེས་གནས་ཚུལ་བཀོད་པ་ལྟར་ན་ཞིན་ཅང་གི་ཐལ་སྐྱོད་རིང་ལུགས་པས་མི་མང་གི་བསམ་བློར་ཤུགས་རྐྱེན་ཐེབས་བཞིན་པར་གདོང་ལེན་བྱེད་པའི་ཆེད་དུ་བསམ་བློའི་སྦྱོང་བརྡར་སྤྲོད་ཡུལ་བཙུགས་ཡོད་པ་དང་བསམ་བློའི་སློབ་གསོ་སྤྲོད་ཡུལ་ཁག་ཏུ་ཟས་རིགས་དང་མཛེས་བཟོའི་ལས་རིགས་ཀྱི་ལག་རྩལ་སློབ་སྦྱོང་སྤྲོད་བཞིན་ཡོད། རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་གཏོང་བར་རྒྱ་ཡིག་རྒྱ་སྐད་ལ་སྦྱོང་བརྡར། དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སློབ་གསོ་སོགས་སྦྱོང་བརྡར་སྤྲད་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG