༄༅།། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དབུ་ཁྲིད་འོག་ཏུ་ཕྱི་ལོ་༢༠༡༨་ཀྱི་ལོ་འདིར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་འགུལ་ ཞིག་སྤེལ་མུས་ཡིན་པ་ལྟར་དེ་རིང་ཕྱི་ཚེས་༡༥་སྟེ། རེས་གཟའ་ཟླ་བའི་ཉིན་རྒྱ་གར་བྱང་ཕྱོགས་ གྱི་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སྟེ། སིམ་ལ་ས་གནས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཧི་མ་ཅལ་མངའ་སྡེའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་ཚུགས་ཡོད་པའི་སྐོར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།