ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་ཟབ་སྦྱོང་།


ཕྱི་ཟླ་༡༠་པའི་ཚེས་༨་ཉིནབྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌའི་གྲོང་ཁྱེར་ཆེན་པོ་ཊོ་རོན་ཊོའི་གངས་ལྗོངས་ཆོས་ལྡན་གླིང་དང་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་དུ་ཊོ་རོན་ཊོ་གྲོང་ཁྱེར་དུ་གནས་འཁོད་བོད་པ་ན་གཞོན་ཚོར་ཟབ་སྦྱོང་ཞིག་ཚུགས་ཡོད་ཅིང་། ཐེངས་དེའི་ཟབ་སྦྱོང་ཐོག་ཏུ་༧གོང་ས་མཆོག་གི་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བོད་ཀྱི་ལེགས་བྱང་དང་ནང་ཆོས། སྐད་ཡིག་སོགས་ལ་ཟབ་སྦྱོང་སྤྲད་ཡོད་པ་བཅས་ཀྱི་སྐོར། ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་སུ་ཀུན་བཟང་སྒྲོལ་མས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG