ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་དུ་བོད་དོན་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅། སུད་སིའི་གྲོང་ཁྱེར་འཇི་ཎི་ཝྭར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༩་པ་ཚོགས་པ་མཇུག་བསྒྲིལ་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་སྐབས་སུ་རྒྱལ་ཁབ་ཁག་༦་གི་སྐུ་ཚབ་ཚོས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཡིག་ཁག་ལ་བརྩི་སྲུང་མ་ཞུས་པར་རང་གི་སྤྱི་དམངས་ཀྱི་ཐོག་ཏུ་གདུག་རྩུབ་ཆེ་བའི་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་སྣེ་ཁག་རྒྱ་ནག་ལ་རྟོག་ཞིབ་བྱེད་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་པར་མ་ཟད། འཇར་མན་ཎིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་རང་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་སོགས་ངེས་པར་དུ་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག དེ་བཞིན་དུ་རིང་མིན་སྤྱི་ཟླ་༡༡་པར་“དུས་བཀག་བསྐྱར་ཞིབ་”ཅེས་ལོ་བཞི་རེའི་རྗེས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་བྱེད་པའི་ཚོགས་འདུ་ཞིག་འཚོགས་་འཆར་ཡོད་པ་དེའི་སྐབས་སུ་རྒྱལ་ཚོགས་ཀྱི་འཐུས་མི་གང་མང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་འགྲོ་བ་མིའི་ཐང་གི་གནས་སྟངས་སྐོར་འདྲི་རྩེད་གང་ལེགས་ཡོང་དགོས་ཞེས་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་འབད་བརྩོན་བྱེད་བཞིན་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG