ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་བཞུགས་སྒོར་དུ་ཞབས་སོར་འཁོད།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་ཡུན་གཟའ་འཁོར་གཉིས་ཙམ་རིང་དུ་ཡུ་རོབ་རྒྱལ་ཁབ་བཞིའི་ནང་དུ་མཛད་འཕྲིན་རྒྱ་ཆེན་བསྐྱངས་ཏེ། ཕྱི་ཟླ་༩་པའི་ཚེས་༢༦་ཉིན་༧གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ཀྱི་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་ཅིང་། ༧གོང་ས་མཆོག་གིས་གསར་འགོད་པ་ཚོར་དགུང་ལོའི་བབ་ཀྱིས་སྐུ་ཐང་ཅུང་ཙམ་མཉེལ་ཡོད་པས་དགུང་ལོ་དང་བསྟུན་ནས་སྐུ་ངལ་གསོ་འཆར་ཡོད་ཅེས་སྐུ་རྩེད་གནང་བཞིན་དེ་ལྟར་གསུངས་ཡོད་པའི་སྐོར། རྡ་རམ་ས་ལ་ནས་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་ནའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG