ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགེ་མཚན་སྐོར་ཞིབ་ཕྲ་འགྲེལ་བརྗོད།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ཟླ་༩པའི་ཚེས་༢༣ རེས་གཟའ་ཉི་མའི་ཉིན་ སུད་སི་ཁུལ་དུ་གནས་འཁོད་བོད་མི་རྣམས་ལ་དམིགས་བསལ་མཇལ་ཁང་དང་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་པ་དེ་སྐབས་ བོད་དོན་ཐག་གཅོད་ཡོང་ཐབས་སུ་ད་ཕན་སྐུ་ངལ་སྐྱོན་སྟངས་ཀྱི་བརྒྱུད་རིམ་ཞིབ་ཕྲ་འགྲེལ་བརྗོད་མཛད་པ་དང་འབྲེལ་མཐར་ ༡༩༧༤ལོར་ བོད་མིའི་ཕྲལ་ཕུགས་གཉིས་ཀའི་བདེ་དོན་གྱི་ཐད་དགོངས་པ་གཏིང་གཟབ་བཞེས་པའི་ཐོག་ནས་ བོད་རང་བཙན་རྩོད་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་གནང་སྟེ་ བོད་རྒྱ་མི་རིགས་གཉིས་ཀར་ཕན་ཐོགས་ཡོད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སམ་ ཐབས་ལམ་འདི་འདོན་གནང་མཛད་པ་ཡིན་ཡིན་ཞེས་བཀའ་གནང་བ་སྦྲགས་ གང་གི་དགོངས་གཞི་དེའི་ཕན་ཡོན་དང་དགེ་མཚན་བཅས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བརྗོད་མཛད་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།

XS
SM
MD
LG