བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ཟླ་༩པའི་ཚེས་༡༦ རེས་གཟའ་ཉི་མའི་ཉིན་ཡུ་རོབ་ཀྱི་ཡུལ་གྲུ་ནཱེ་དྷར་ལེནྜ་ནང་ ༼དཀའ་རྙོག་ཆེ་བའི་དེང་དུས་ཀྱི་འཛམ་གླིང་འདིར་བྱམས་སྙིང་རྗེ་དགོས་གལ་ཆེན་པོ་ག་རེ་བྱས་ཏེ་ཡིན་ནམ་༽ཞེས་པའི་བརྗོད་གཞིའི་ཐད་ བཀའ་སློབ་སྩལ་བར་ མང་ཚོགས་ཆིག་ཁྲི་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ཡོད་ཅིང་ དེའི་གོང་ལ་ཡུལ་དེའི་ནང་གནས་འཁོད་བོད་མི་དང་ ཉེ་འཁོར་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ནས་ཆེད་བཅར་ཞུས་པའི་བོད་མི་ཁྱོན་ལྔ་སྟོང་སྐོར་ཙམ་ཞིག་ལ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་དང་འབྲེལ་ བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་པ་སོགས་ཀྱི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་ཆིབས་ཞབས་སུ་ཡོད་པའི་བྷི་རཱ་སལྶི་ སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲིས་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།