ངོ་འཕྲད་བདེ་བའི་དྲ་འབྲེལ།

མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན་ཡིན།


རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ཏུ་ལོ་༡༢༥་ཡས་མས་ཤིག་གི་ཡར་སྔོན་དུ་གཏན་ལ་ཕབ་པའི་བཅའ་ཁྲིམས་དོན་ཚན་༣༧༧་པ་སྟེ། མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་ཞེས་ཐག་གཅོད་བྱས་ཡོད་པའི་ཁྲིམས་དེ་མེད་པར་བཏང་སྟེ། ཕྱི་ཟླ་༩་ཚེས་༦་ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཡུན་རིང་ཞིག་ལ་རྒྱ་གར་གྱི་སྤྱི་ཚོགས་སུ་མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་རྣམས་ཁྲིམས་འགལ་ཉེས་ཅན་པར་བརྩིས་པའི་ཁྲིམས་དེ་རྩིས་མེད་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་སོགས་ཀྱིས་ཐག་གཅོད་འདིར་དགའ་མགུ་ཆེན་པོ་བྱེད་བཞིན་ཡོད་ཅིང་། ད་དུང་དཔྱད་ཞིབ་པ་ཚོས་ཀྱང་ཁྲིམས་ཁང་གི་ཐག་གཅོད་འདི་ནི་རྒྱ་གར་ཡུལ་ལུང་འདི་ཉིད་ཤེས་རིག་དར་པའི་སྤྱི་ཚོགས་ཤིག་ཡིན་ར་སྤྲོད་བྱུང་བ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་སྐོར། ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG