ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གུ་གྷལ་གྱིས་རྒྱ་ནག་ཏུ་མཉེན་ཆས་གསར་པ་ཞིག་བཟོ་འཆར།


༄༅།།འཛམ་གླིང་ནང་གི་དྲ་རྒྱའི་བཟོ་ཚོང་ཁང་གཙོ་ཆེའི་གྲས་གུ་གྷལ་བཟོ་ཚོང་ཁང་གིས་འཚོལ་ཞིབ་མཉེན་ཆས་གསར་པ་ཞིག་རྒྱ་ནག་ནང་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པར་བརྟེན། ཚོགས་པ་མང་པོས་གྲུབ་པའི་བོད་དོན་ལས་འགུལ་མཐུན་ཚོགས་ཤིག་གིས་གུ་གྷལ་བཟོ་ཚོང་ཁང་ལ་ཡི་གེ་བཏང་ནས་གུ་གྷལ་གྱིས་འདི་འདྲའི་མཉེན་ཆས་གསར་པ་རྒྱ་ནག་ནང་བཟོས་པ་ཡིན་ན། བོད་མི་དང་རྒྱ་མི། དེ་བཞིན་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཤུགས་རྐྱེན་ཤིན་ཏུ་ངན་པ་ཞིག་འཇོག་རྒྱུ་ཡིན་པ་མ་ཟད། ལས་འཆར་དེ་ནི་བཟོ་ཚོང་ཁང་རང་ཉིད་ཀྱི་རྩ་དོན་ཏེ་གཞན་ལ་གནོད་མི་སྐྱེལ་རྒྱུ་ཟེར་བ་དང་ཡང་རྒྱབ་འགལ་ཞིག་ཆགས་རྒྱུ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་པར་ཞུ།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG