ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལ་རུ་ཆུ་ལོག་གི་དཀའ་ངལ་འཕྲད་པར་ཐུགས་སྨོན་དང་ཞལ་འདེབས་གནང་བ།


༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལ་རུ་ཆུ་ལོག་གི་དཀའ་ངལ་འཕྲད་པར་ཐུགས་སྨོན་དང་ཞལ་འདེབས་གནང་ཡོད་ལ། ལྷོ་ཕྱོགས་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་པའི་སེར་མོ་བའི་སྡེ་དང་མི་སྐྱའི་སྤྱི་ཚོགས་ཀྱིས་ཁྱིམ་མཚེས་རྒྱ་གར་བར་ཆུ་ལོག་གི་དཀའ་ངལ་འཕྲད་པ་ཚོར་རོགས་རམ་དང་འཚོ་བའི་དགོས་མཁོ་མང་པོ་ཞལ་འདེབས་ཕུལ་འདུག འབྲེལ་ཡོད་སྐོར་ལ་རོགས་རམ་གནང་མཁན་གྲས་ནས་སེ་ར་བླ་སྤྱིའི་ཕྱག་མཛོད་དགེ་བཤེས་ཡེ་ཤེས་ལགས་ཀྱིས་ཉེ་ཆར་ང་ཚོས་ཀར་ན་ཊ་ཀ་མངའ་སྡེའི་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་རིམ་གྲུབ་ཚར་ཙམ་ཡིན་པ་དང་། དེ་རིང་ང་ཚོས་ས་གནས་མི་དམངས་ལ་རོགས་སྐྱོར་བྱས་ཐུབ་པ་དེ་ཡག་པོ་བྱུང་སོང་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG