ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨེ་ཌ་ལིའི་ནང་ཟམ་ཆེན་རྡིབ་སྐྱོན་གྱིས་རྐྱེན་ངན་ཚབས་ཆེན་བྱུང་བ།


གཟའ་མིག་དམར་ཉིན་ཏེ་ཕྱི་ཟླ་༨པའི་ཚེས་༡༤ཕྱི་དྲོར་ཡུ་རོབ་རྒྱལ་ཁབ་ཨེ་ཌ་ལིའི་གྲོང་ཁྱེར་ཇེ་ནུ་ཝ་ཟེར་བའི་ནང་གཞུང་ལམ་སྒང་དུ་འཛུགས་སྐྲུན་བྱས་པའི་མོ་ཊའི་མགྱོགས་ལམ་གྱི་ཟམ་ཆེན་ཞིག་གློ་བུར་དུ་རྡིབ་སྐྱོན་གྱིས་རླངས་འཁོར་བཞི་བཅུ་ཙམ་ཞིག་གཞུང་ལམ་སྟེང་ལྷུང་ནས་རྐྱེན་ངན་ཆེན་པོ་ཞིག་བྱུང་ཡོད་པ་རེད། ཛ་དྲག་མྱུར་སྐྱོབ་མི་སྣ་ཚོས་ཟམ་པའི་ཐོག་ནས་སར་ལྷུང་བའི་རླངས་འཁོར་དང་ཟམ་པ་རྡིབ་རོའི་འོག་ནས་མི་འཚོལ་ཞིབ་སོགས་ཛ་དྲག་མྱུར་སྐྱོབ་ཀྱི་ལས་དོན་གནང་བཞིན་ཡོད་པ་དང་། ད་བར་ཤེས་རྟོགས་བྱུང་བར་གཞིགས་ན་ཉུང་མཐར་མི་༣༧ནས་༣༩ ཙམ་ཞིག་འདས་གྲོངས་སུ་གྱུར་ཞིང་མི་བཅུ་གྲངས་ཤིག་རྙེད་སོན་བྱུང་མེད་པའི་ཁར་མི་མང་པོར་རྨས་སྐྱོན་བྱུང་ཡོད་པས་འཆི་རྨས་ཀྱི་གྲངས་འབོར་ད་དུང་ཡར་འཕར་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG