རྒྱ་ནག་ནང་སྲིད་འཛིན་ཞི་ཅིང་ཕིང་གི་དེ་སྔ་གཞོན་ནུ་ཤེས་ཡོན་ཅན་གྲོང་གསེབ་ཏུ་སྐྱོད་པའི་སྐབས་ཀྱི་བྱས་རྗེས་ལ་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ ལན་ཅར་ཧཱ་ཟེར་བའི་གྲོང་འཚོ་དེ་ནི་ཉིན་རེར་མི་ཆིག་ཁྲི་བརྒལ་བ་ཞི་ཅིང་ཕིང་གི་གཞོན་ནུའི་དུས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་ཆེད་དུ་ལྟ་སྐོར་བྱེད་ཡུལ་གཙོ་བོ་ཞིག་ཏུ་འགྱུར་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་ལོ་རྒྱུས་ཐོག་ལ་གཞོན་ནུ་ཤེས་ཡོན་ཅན་གྲོང་གསེབ་ཏུ་གཏོང་བའི་མའོ་ཙེ་ཏུང་གི་ཆབ་སྲིད་ཀྱི་ལས་འགུལ་དེ་ནི་མི་རབས་དེའི་གཞོན་སྐྱེས་ལ་དགའ་འོས་པ་ཞིག་མིན་པ་དང་སྐབས་དེར་ཞི་ཅིང་ཕིང་དང་མཉམ་དུ་ཡོད་པའི་གྲོགས་པོ་ཞིག་གིས་ད་ལྟའི་ཚད་ལ་བརྒལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་དེ་དག་ནི་ཕན་ལས་གནོད་འཚེ་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་གནང་གི་རེད།