ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྡ་རམ་ས་ལའི་ཉེན་རྟོག་པས་བཟི་སྨན་ཕོན་ཆེ་ཡོད་པའི་བོད་མི་ཞིག་འཇུ་བཟུང་བྱས་པ།


༄༅།། རྡ་རམ་ས་ལར་རྒྱ་གར་གྱི་ས་གནས་ཉེན་རྟོག་མི་སྣ་ཚོས་ལམ་བར་བསྔོག་བཤེར་བྱེད་སྐབས་བོད་མི་ཞིག་གི་ས་ནས་བཟི་སྨན་ཕོན་ཆེ་ཞིག་ཐོན་ཡོད་འདུག དེ་ཡང་རྡ་ཤོད་མངའ་ཁུལ་རྒྱ་གར་གྱི་གྲོང་གསེབ་ཅིག་གི་ནང་གནས་སྡོད་བྱེད་མཁན་མིང་ལ་ངག་དབང་ཉི་མ་ཟེར་བ་དེར་ལམ་བར་ཉེན་རྟོག་མི་སྣ་ཚོས་བསྡོག་བཤེར་བྱེད་སྐབས་ཁོ་པའི་ཁྲོད་ནས་བཟི་སྨན་གྲངས་༢༡༦༠ ཙམ་ཞིག་ཐོན་ཏེ་ཁོ་པ་ཉེན་རྟོག་མི་སྣའི་དོ་དམ་འོག་ཏུ་ཡོད་མུས་ཡིན་པའི་སྐོར་བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG