ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཆོས་ཕྱོགས་ཀྱི་མཛད་སྒོར་རྒྱལ་དར་འཕྱར་དགོས།


༄༅། །རྒྱ་ནག་ཏུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལ་རྒྱལ་དར་དམར་པོ་འཕྱར་དགོས་ཞེས་ཉེ་ཆར་གཞུང་འབྲེལ་གྱིས་ངོས་ལེན་ཡོད་པའི་ཆོས་ལུགས་གཙོ་ཆེ་ཁག་གི་ཆོས་ལུགས་ཚོགས་ཆེན་ཐེངས་དྲུག་པ་ཚོགས་པའི་རྗེས་སུ་གོང་གི་གསལ་བསྒྲགས་བྱས་ཡོད་ཅིང་། རྒྱལ་དར་ལ་གུས་ཞབས་དང་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གི་དུས་སུ་རྒྱལ་དར་འཕྱར་དགོས་ཞེས་གསལ་བཤད་བྱས་འདུག ཡང་ཕྱོགས་གཞན་ནས་བདུན་ཕྲག་སྔོན་མར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་སྟེང་དུ་ཨ་རིའི་མཐོ་རིམ་འགོ་ཁྲིད་ཚོས་རྒྱ་ནག་གིས་ཆོས་དད་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་པར་མ་ཟད། རྒྱལ་སྤྱིའི་མནའ་འབྲེལ་གསར་པ་ཞིག་ཚུགས་ནས་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG