ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙན་གཡེམ་དང་ལོག་གཡེམ་ཕྱིར་བསྒྲགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་ཏུ་འདས་པའི་ཉིན་ཤས་རིང་ལ་གཅིག་རྗེས་གཉིས་མཐུད་དུ་བཙན་གཡེམ་གྱི་དོན་རྐྱེན་ཕྱིར་བསྒྲགས་བྱུང་ཡོད་ཅིང་། དཔེར་ན་གཞན་ཕན་རོགས་སྐྱོར་གྱི་ལས་གཞི་སྤེལ་མཁན་སྐད་གྲགས་ཅན་ལཱེ་ཁྲང་ཞེས་པས་ལོ་ན་༢༠་ཅན་གྱི་བུ་མོ་ཞིག་ལ་ལོ་གསུམ་གྱི་སྔོན་དུ་བཙན་གཡེམ་བྱས་པའི་གནས་ཚུལ་ཕྱི་ལ་ཐོན། ཡང་རྒྱ་ནག་གི་གསར་ལམ་ཁག་ལ་དཔྱད་བརྗོད་སྤེལ་མཁན་དང་གསར་འགོད་པ་སྐད་གྲགས་ཀྲང་ཝེན་གྱིས་ཀྱང་བུ་མོ་ཞིག་ཆང་གིས་བཟི་བའི་གོ་སྐབས་བླངས་ནས་བུ་མོ་དེར་བཙན་གཡེམ་བྱས་པ་ཕྱིར་བསྒྲགས་བྱུང་ཞིང་། ད་ལྟ་རྒྱ་ནག་གི་དྲ་ལམ་ཁག་ཏུ་རྒྱ་ནག་གི་སྤྱི་ཚོགས་སུ་ཤུགས་རྐྱེན་དང་སྐད་གྲགས་ཡོད་པའི་མི་ཚོས་ལས་གནས་འདྲ་མིན་ལ་གསར་དུ་ཞུགས་པའི་བུད་མེད་ཚོར་བཙན་གཡེམ་དང་ཆགས་སྲེད་ཀྱི་བྱ་སྤྱོད་སྤེལ་བ་གླེང་སློང་བྱེད་ཀྱི་ཡོད་པ་རེད།

སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༡༠་བ་ནས་བཟུང་སྟེ་“ང་ལའང་བྱུང་སོང་ཡང་”ཞེས་པའི་ཆགས་སྲེད་རྣམ་འགྱུར་བསྟན་པ་དང་སུན་གཙེར་ལ་ངོ་རྒོལ་བྱེད་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་འཛམ་གླིང་གི་ས་གནས་གང་སར་ཁྱབ་པས་འཛམ་གླིང་གི་ས་ཕྱོགས་གང་སའི་གཙེ་མྱོང་བུད་མེད་ཚོས་རང་རང་ལ་སྤྱི་ཚོགས་ཀྱི་རིམ་པ་གང་སར་སྐྱེས་པ་ཚོས་མཐོང་ཆུང་དང་ཆགས་སྲེད་ཀྱི་རྣམ་འགྱུར་བསྟན་པ། བཙན་གཡེམ་བྱས་པ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ཕྱིར་བསྒྲགས་བྱེད་མཁན་ཇེ་མང་དུ་འགྲོ་བ་དང་བུད་མེད་ཚོར་བློ་སྟོབས་གསར་པ་དང་སྡིངས་ཆ་གསར་པ་ཐོབ། ཉེ་ཆར་སྐད་གྲགས་ཆེ་བའི་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་མདུན་ཤོག་ཏུ་བོད་ཀྱི་བླ་མ་ཞིག་གིས་རང་གི་སློབ་མ་ཕྱི་རྒྱལ་བ་ཚོར་ལོག་གཡེམ་བརྙས་བཅོས་དང་འཁྲུག་སྤྱོད་བཤུ་གཞོག་བྱས་པ་རེད་ཅེས་ཉེས་འཛུགས་ཀྱི་རྩོམ་ཡིག་ཅིག་བཀོད་དོ།།

XS
SM
MD
LG