ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནང་བའི་ལྷ་སྒྲུང་གི་གློག་བརྙན་ཞིག་སྟོན་མཚམས་བཞག་པ།


རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་ཕེན་ཀྲང་གིས་ནང་ཆོས་དང་འབྲེལ་བའི་ལྷ་སྒྲུང་ཞིག་རྟོག་བཟོ་བྱས་ཏེ། ༼ལྷ་མ་ཡིན་༽ཞེས་པའི་གློག་བརྙན་ཞིག་ལོ་དྲུག་གི་རིང་ལ་ཕབ་སྐྲུན་བྱས་མོད། འོན་ཀྱང་གཟའ་འཁོར་སྔོན་མར་གློག་བརྙན་དེ་རྒྱ་ནག་གི་ཁྲོམ་རར་འགྲེམ་སྤེལ་གྱིས་གློག་བརྙན་ཁང་ཁག་ཏུ་བསྟན་ཞིང་། ད་ལྟ་གློ་བུར་དུ་རྒྱུ་མཚན་ཅི་ཡིན་གསལ་བཤད་མེད་པར་གློག་བརྙན་དེ་སྟོན་མཚམས་བཞག་ཡོད་པར་མ་ཟད། གློག་བརྙན་དེར་རྒྱ་ནག་གི་མི་དམངས་ཤོག་སྒོར་ས་ཡ་༧༠༠་ལྷག་འགྲོ་གྲོན་བཏང་ནས་རྒྱ་ནག་གི་གློག་བརྙན་ཚོང་ལས་ཞིག་ལ་མ་རྩ་བཙུགས་པ་ཆེ་ཤོས་ཀྱི་གློག་བརྙན་ཞིག་ཏུ་གྱུར་ཡོད་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG