དེང་སྐབས་ཞིན་ཅང་གི་ས་གནས་གང་སར་རྒྱ་ནག་གཞུང་གིས་བཙན་གནོན་དང་དམ་དྲག་གི་སྲིད་ཇུས་གདུག་རྩུབ་ཅན་ཞིག་ལག་ལེན་བསྟར་བཞིན་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་ཅིང་། ཨ་མི་རི་ཀའི་ཞིབ་འཇུག་ཚོགས་པ་ཞིག་གིས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས་སྔོན་ཆད་བོད་རང་སྐྱོང་ལྗོངས་ལ་ལག་ལེན་བསྟར་པའི་བཙན་དྲག་གི་སྲིད་ཇུས་རྣམས་ཞིན་ཅང་ལ་ལག་ལེན་བསྟར་གྱིན་ཡོད་པར་བརྟེན། ཨ་མི་རི་ཀས་དེ་ལ་ལན་འདེབས་་ཀྱི་ཚུལ་དུ་ཁྲེན་ཆོན་གོ་སྒེར་ལ་དམིགས་ནས་ཉེས་ཆད་གཅོད་དགོས་ཞེས་སློབ་སྟོན་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།