༄༅།། འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གིས་ཕྱི་ལོ་༢༠༡༧་ལོར་དམག་འཁྲུག་དང་གདུག་རྩུབ་སོགས་ཀྱིས་རྐྱེན་པས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལྷོ་སུ་ཏན་དང་ཀོང་གོ ཨེ་ཤི་ཡའི་རྒྱལ་ཁབ་འབར་མ་ནས་བྲོས་བྱོལ་དུ་ཕྱིན་པའི་ཁ་ཆེ་སྐྱབས་བཅོལ་བ་བཅས་ཁྱོན་བསྡོམས་འཛམ་གླིང་འདིར་སྐྱབས་བཅོལ་བའི་མི་གྲངས་ས་ཡ་༦༩་ལོངས་གྲབས་ཡོད་ཅིང་། འདི་ནི་ད་ལྟ་བར་དུ་འཛམ་གླིང་འདིར་སྐྱབས་བཅོལ་བའི་གྲངས་འབོར་མང་ཤོས་སུ་སླེབས་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཡི་རེད།།