ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གུ་གུལ་དང་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་མཉམ་འབྲེལ།


༄༅།། ཨ་མི་རི་ཀའི་གུ་གུལ་བཟོ་ཚོང་ཁང་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་མཉམ་འབྲེལ་གྱི་གན་རྒྱ་ཕར་འགྱངས་མ་བྱས་པར་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་བྱུང་སྟེ། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་དག་ཅིག་གིས་རྒྱ་ནག་ནི་ཕྱོགས་གང་ཐད་དུ་ཨ་མི་རི་ཀའི་གཏད་པ་ཞིག་ལ་ཡིན། གུ་གུལ་བཟོ་ཚོང་ཁང་གིས་རྒྱ་དམར་ཤོག་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་འདོད་ཡོད་པ་དང་ཨ་མི་རི་ཀའི་དམག་ལ་རྒྱབ་སྐྱོར་བྱ་འདོད་མེད་པའི་རྣམ་པ་གསལ་བོར་བསྟན་པར་བློ་ཕམ་ཆེན་པོ་ཡོད། རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་ཞིག་རེད་ཅེས་གུ་གུལ་བཟོ་ཚོང་ཁང་གི་གཙོ་འཛིན་ལ་འཕྲིན་ཡིག་ཅིག་སྤྲིངས་འདུག གུ་གུལ་བཟོ་ཚོང་ཁང་གིས་བཅོས་སྒྲིག་རྣམ་དཔྱོད་ཀྱི་ལག་རྩལ་ཡར་རྒྱས་བཏང་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་སོགས་ཀྱིས་དམིགས་འབེན་ཁག་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གུ་གུལ་བཟོ་ཚོང་ལས་ཁང་གིས་བཅོས་སྒྲིག་རྣམ་དཔྱོད་དམག་དོན་ལ་བཀོལ་སྤྱོད་གཏོང་གི་ཡོད་ཅིང་། དེར་བརྟེན་བཟོ་ཚོང་ཁང་གི་ལས་བྱེད་པ་༤༠༠༠་ལྷག་གིས་གཙོ་འཛིན་ལ་སྙན་ཞུ་ཕུལ་ནས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་འཇོག་བྱ་དགོས། གུ་གུལ་བཟོ་ཚོང་ཁང་གིས་དམག་འཁྲུག་དང་དམག་དོན་ལ་ཡོ་བྱད་རྣམས་ཡར་རྒྱས་དང་གསར་གཏོད་བྱ་རྒྱུ་མིན་པའི་ཁས་ལེན་བྱ་དགོས་ཞེས་སྐུལ་ལྕག་བཏང་ནས་ངོ་ལོག་བརྒྱབ། གུ་གུལ་བཟོ་ཚོང་ཁང་གི་འགོ་ཁྲིད་ཚོས་རང་གི་ལས་བྱེད་པ་ཚོར་རྩིས་འཁོར་ནང་དུ་བཅོས་སྒྲིག་རྣམ་དཔྱོད་བཅུག་ན་དམག་ས་ཁག་ཏུ་མི་དམངས་དཀྱུས་མ་དང་དམིགས་འབེན་གཉིས་དབྱེ་བ་འབྱེད་ཐུབ། དེས་ན་ནག་ཉེས་མེད་པའི་མི་དམངས་དཀྱུས་མ་རྣམས་ལ་འཆི་རྨས་ཀྱི་གནོད་འཚེ་འབྱུང་རྒྱུ་སྔོན་འགོག་བྱ་ཐུབ་ཅེས་འགྲེལ་བཤད་བརྒྱབ་ཀྱང་གུ་གུལ་བཟོ་ཚོང་ཁང་གི་ལས་བྱེད་པ་བཅུ་ཕྲག་ཅིག་ཡས་མས་ཤིག་གིས་རང་གི་ལས་གནས་ནས་གནང་བ་ཞུས། ཁོ་ཚོས་གུ་གུལ་བཟོ་ཚོང་ཁང་གིས་འགྲོ་བ་མི་རྣམས་བསལ་བདམས་བྱས་ནས་དམིགས་འབེན་དུ་འཛིན་པའི་བཅོས་སྒྲིག་རྣམ་དཔྱོད་ཀྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་སྲིད། ཨ་རིའི་དམག་གིས་བཅོས་སྒྲིག་རྣམ་དཔྱོད་ཀྱི་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་ལོག་པར་གཏོང་སྲིད་ཅེས་རྩོད་པ་འཕངས། གུ་གུལ་བཟོ་ཚོང་ཁང་གི་བཅོས་སྒྲིག་རྣམ་དཔྱོད་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དམག་འཐབ་དང་འཇིགས་སྐུལ་རིང་ལུགས་པར་གཏོར་རྒོལ་བྱེད་པར་གནད་འགག་ཆེན་པོ་ཡིན་ཞིང་། བཟོ་ཚོང་ལས་ཁང་དེས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་མཉམ་འབྲེལ་རྒྱ་རྒྱུ་མཚམས་བཞག་པའི་རྒྱུ་རྐྱེན་གཙོ་བོ་ནང་ཁུལ་དུ་ལས་བྱེད་པས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་ཐུག་ཡོད་པ་ར་འཕྲོད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༥་དང་གྲོས་ཚོགས་འོག་མའི་འཐུས་མི་མང་པོ་ཞིག་གིས་གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་དེར་བསྐྱར་དུ་བསམ་བློ་ཐོངས། ལྷག་པར་དུ་གུ་གུལ་བཟོ་ཚོང་ཁང་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་བཞག་ནས་རྒྱ་ནག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པར་བསམ་བློ་གཟབ་ནན་གཏོང་དགོས་ཞེས་ནན་བརྗོད་བྱས་མོད། འོན་ཀྱང་གུ་གུལ་བཟོ་ཚོང་ཁང་གིས་ང་ཚོས་རྒྱལ་སྤྱིའི་བཟོ་ཚོང་ཁང་མང་པོར་མཉམ་འབྲེལ་བྱས་ནས་ཚོང་ལས་གཉེར་བཞིན་ཡོད། གུ་གུལ་བཟོ་ཚོང་ཁང་གིས་རང་གི་གསང་བའི་འཕྲུལ་རིག་ལག་རྩལ་དང་གཞི་འཛིན་ཡིག་ཆ་རྣམས་གཞན་ལ་སྤྲོད་མི་སྲིད། ང་ཚོས་རང་གི་འཕྲུལ་རིག་ལག་རྩལ་ལ་སྲུང་སྐྱོབ་བྱེད་པའི་གྲོས་མཐུན་རབ་དང་རིམ་པ་ཞིག་བཞག་ཡོད་ཅེས་ལན་འདེབས་བྱས་འདུག ཟླ་བ་འདིའི་ཚེས་༨་ཉིན་གུ་གུལ་བཟོ་ཚོང་ལས་ཁང་གིས་མཚོན་ཆ་གསར་བཟོ་བྱེད་པའི་འཕྲུལ་རིག་ལག་རྩལ་གསར་གཏོད་བྱ་འཆར་མེད། ཡིན་ནའང་དམག་དོན་དུ་བཀོལ་སྤྱོད་བྱེད་པའི་འཕྲུལ་རིག་ལག་རྩལ་གཞན་པ་གསར་གཏོད་བྱ་འཆར་ཡོད་ཅེས་བཤད་པས་གུ་གུལ་བཟོ་ཚོང་ཁང་དང་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གཉིས་མཉམ་འབྲེལ་བྱེད་ཀྱི་ཡོད་པར་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་ཚོས་བློ་ཚབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG